1 / 35

ཉམས་ལེན་གྱི་ནུས་པ། ཀླད་པར་སྒོམ་གྱི་ཕན་ནུས།

ཉམས་ལེན་གྱི་ནུས་པ། ཀླད་པར་སྒོམ་གྱི་ཕན་ནུས།. ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ། ལོ་རིམ་ ༤ གཏམ་བཤད་ ༨ཀ. སྦྱོང་ཚན་འདིའི་དམིགས་ཡུལ།. སྒོམ་གྱི་ཉམས་ལེན་མི་འདྲ་བ་ལ་བརྟེན་ནས་ཀླད་པའི་ཆགས་བཀོད་དང་བྱེད་ལས་ལ་མངོན་པའི་འགྱུར་བ་རྣམས་ཞིབ་འཇུག་གི་དཔང་རྟགས་ཀྱི་སྒོ་ནས་འགྲེལ་བརྗོད་བྱ་རྒྱུ།

amish
Download Presentation

ཉམས་ལེན་གྱི་ནུས་པ། ཀླད་པར་སྒོམ་གྱི་ཕན་ནུས།

An Image/Link below is provided (as is) to download presentation Download Policy: Content on the Website is provided to you AS IS for your information and personal use and may not be sold / licensed / shared on other websites without getting consent from its author. Content is provided to you AS IS for your information and personal use only. Download presentation by click this link. While downloading, if for some reason you are not able to download a presentation, the publisher may have deleted the file from their server. During download, if you can't get a presentation, the file might be deleted by the publisher.

E N D

Presentation Transcript


  1. ཉམས་ལེན་གྱི་ནུས་པ། ཀླད་པར་སྒོམ་གྱི་ཕན་ནུས། ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ། ལོ་རིམ་ ༤ གཏམ་བཤད་ ༨ཀ

  2. སྦྱོང་ཚན་འདིའི་དམིགས་ཡུལ།སྦྱོང་ཚན་འདིའི་དམིགས་ཡུལ། • སྒོམ་གྱི་ཉམས་ལེན་མི་འདྲ་བ་ལ་བརྟེན་ནས་ཀླད་པའི་ཆགས་བཀོད་དང་བྱེད་ལས་ལ་མངོན་པའི་འགྱུར་བ་རྣམས་ཞིབ་འཇུག་གི་དཔང་རྟགས་ཀྱི་སྒོ་ནས་འགྲེལ་བརྗོད་བྱ་རྒྱུ། • སྒོམ་ཉམས་ལེན་མི་འདྲ་བའི་ཕན་ནུས་དཔྱད་པའི་ནུབ་ཕྱོགས་དབང་རྩ་ཚན་རིག་གི་ཞིབ་འཇུག་ཁག་གི་དཔེ་མཚོན་གླེང་བ། • གཤམ་གསལ་ཆོས་བརྒྱུད་དང་སྲོལ་རྒྱུན་ཁག་གི་སྟེང་བསྒྲུབས་པའི་དབྱེ་ཞིབ་རྣམས་ལ་བསྐྱར་ཞིབ་བྱེད་པ། རྫོགས་ཆེན། སྙིང་རྫེའམ་བྱམས་པ། (འབར་མའི་སྲོལ་བཞིན་) ལྷག་མཐོང་། རྫེན། ཞི་གནས་བཅས་ཡིན།

  3. སྒོམ་གྱིས་ཀླད་པར་འགྱུར་བ་ཇི་ལྟར་སྐྱེད་རུང་བའི་ཚུལ།སྒོམ་གྱིས་ཀླད་པར་འགྱུར་བ་ཇི་ལྟར་སྐྱེད་རུང་བའི་ཚུལ།

  4. སྒོམ་གྱིས་ཀླད་པར་ཤུགས་རྐྱེན་ཇི་ལྟར་སྤྲོད་དམ།སྒོམ་གྱིས་ཀླད་པར་ཤུགས་རྐྱེན་ཇི་ལྟར་སྤྲོད་དམ། • ཨེམ་ཨར་ཨ་ཡི། (ཁབ་ལེན་མཉམ་འདར་གློག་དཔར།) • ཆགས་བཀོད་གསལ་བའི་དེ། ཀླད་ཤུན་གྱི་མཐུག་ཚད་འཇལ་བ། • ལས་གསལ་གྱི་དེ། ཁྲག་གི་རྒྱུགས་ཚད་འཇལ་བ། • ཨི་ཨི་རྗི། (ཀླད་པའི་གློག་རིས་དཔར་ལེན།) • “ཀླད་རླབས་”ཏེ། ཀླད་པའི་ཕྱི་ངོས་ཀྱི་གློག་གི་ནུས་ཚད་འཇལ་བ། • ཨལ་ཕྷ། སྦི་ཊ། ཐི་ཊ། ཌེལ་ཊ། གྷ་མ།

  5. ནུབ་ཕྱོགས་དབང་རྩ་ཚན་རིག་པས་དབྱེ་ཞིབ་བྱ་སའི་རྒྱུན་ལྡན་སྒོམ་གྱི་ཉམས་ལེན་ཁགནུབ་ཕྱོགས་དབང་རྩ་ཚན་རིག་པས་དབྱེ་ཞིབ་བྱ་སའི་རྒྱུན་ལྡན་སྒོམ་གྱི་ཉམས་ལེན་ཁག ༡ བསམ་གཏན། (ཡུལ་ལ་རྩེ་གཅིག་པའི་བློ།) • བློའི་དམིགས་པ་བྱེ་བྲག་པར་བློ་རྩེ་གཏོད་པ། • དབུགས་ལ་དམིགས་པ། • མཐོང་ཤེས་ཀྱི་ཡུལ་ལ་དམིགས་པ། • སྔགས་བཟླས་པ། ༢ བློ་ཡངས་པ། (ཡུལ་དང་བྲལ་བ།) • བསམ་བློ་དང་། མྱོང་ཚོར། ལུས་ཚོར། ཉམས་སུ་མྱངས་ཟིན་པའི་དབང་ཚོར་ལྟ་བུ་བློའི་ཡུལ་དུ་གང་ཤར་ཐམས་ཅད་ངེས་ཙམ་བྱེད་པ་ལས་དེར་མ་འཇུག་པ། ༣ སྙིང་རྗེ། • ཕན་སེམས་དང་། སེམས་བཟང་། སྡུལ་བསྔལ་ལས་སྐྱོབ་འདོད་ཀྱི་བློ་སྦྱོང་བ།

  6. རྫོགས་ཆེན། རྫོགས་ཆེན་གྱི་ཉམས་ལེན།

  7. Vestergaard-Poulsena, P. et al. (2009). Behavior, 20: 170-174. མྱོང་བ་ཅན་གྱི་རྫོགས་ཆེན་སྒོམ་པ་པོ་རྣམས་ཀྱི་ཀླད་པའི་གཞི་རྐང་གི་ནང་དུ་ཀླད་རྫས་སྐྱ་རྫས་ཧ་ཅང་གི་སྟུགས་ཚད་ཆེ་བ་ཡོད། མདའ་རྣམས་ཀྱིས་གཡོན་དུ་གསལ་བའི་ཀླད་པའི་གཞི་རྐང་དེ་ཉིད་རྒྱ་སྐྱེད་བྱས་པའི་སྣང་བརྙན་དེ་སྟོན་གྱི་ཡོད།

  8. སྙིང་རྗེའི་ཉམས་ལེན།

  9. སྙིང་རྗེ་སྒོམ་པའི་གནས་སྐབས་སུ་མྱོང་བ་ཅན་གྱི་སྒོམ་མཁན་ཚོའི་ཀླད་པའི་བྱེད་ལས་སུ་གྷ་མ་རླབས་ཁྱད་པར་དུ་འཕེལ་བ་མངོན་ཡོད།སྙིང་རྗེ་སྒོམ་པའི་གནས་སྐབས་སུ་མྱོང་བ་ཅན་གྱི་སྒོམ་མཁན་ཚོའི་ཀླད་པའི་བྱེད་ལས་སུ་གྷ་མ་རླབས་ཁྱད་པར་དུ་འཕེལ་བ་མངོན་ཡོད། • གྷ་མ་རླབས་ནི་(ཧེར་ཚེ་ ༢༥ - ༤༢ ཅན་གྱི་)ཟློས་ཕྱོད་མཐོ་བའི་ཀླད་པའི་གློག་གི་བྱེད་ལས་ཡིན་ལ། དེས་ཀླད་པའི་ནང་ངོས་སུ་མཉམ་ལས་སམ་དབང་རྩ་མཉམ་སྒྲིག་གི་བྱེད་ལས་མཚོན་པ་རེད། • དབང་རྩ་མཉམ་སྒྲིག་ཅེས་པ་ཆགས་ཡུལ་དང་བྱེད་ལས་ཀྱི་ཆ་ནས་སོ་སོར་གནས་པའི་ཀླད་པའི་ཆ་ཁུལ་དུ་མ་གོང་བུ་གཅིག་ལྟར་མཉམ་ལས་བྱེད་པ་ལ་ཟེར།

  10. Lutz et al., 2004, PNAS Lutz et al., 2004, PNAS

  11. ལོ་མང་བར་ཉམས་ལེན་བྱས་པའི་ཉམས་ལེན་པ་རྣམས་ལ་སྒོམ་མ་རྒྱབ་པའི་གནས་སྐབས་སུའང་གཞན་ལས་གྷ་མ་སྟོབས་ཚད་ཆེ་བ་ཡོད།ལོ་མང་བར་ཉམས་ལེན་བྱས་པའི་ཉམས་ལེན་པ་རྣམས་ལ་སྒོམ་མ་རྒྱབ་པའི་གནས་སྐབས་སུའང་གཞན་ལས་གྷ་མ་སྟོབས་ཚད་ཆེ་བ་ཡོད། % 45 30 15 r=.79 10,000 30,000 50,000 Lutz et al., 2004, PNAS སྒོམ་ཉམས་ལེན་བྱས་པའི་དུས་ཡུན།

  12. མྱོང་ཚོར་སྐྱེད་པའི་སྒྲ་ཐོས་པའི་ཡ་ལན་དུ་ཕུལ་ཕྱིན་སྒོམ་ཆེན་པ་དག་གི་ཀླད་པའི་ཤ་ཚའི་ཆ་ཁུལ་ནང་བྱེད་ལས་ཤུགས་ཆེ་བར་འཕེལ་གྱི་ཡོད།མྱོང་ཚོར་སྐྱེད་པའི་སྒྲ་ཐོས་པའི་ཡ་ལན་དུ་ཕུལ་ཕྱིན་སྒོམ་ཆེན་པ་དག་གི་ཀླད་པའི་ཤ་ཚའི་ཆ་ཁུལ་ནང་བྱེད་ལས་ཤུགས་ཆེ་བར་འཕེལ་གྱི་ཡོད། གཡས་ཀྱི་མདུན་མའི་གླིང་ཤུན། གཡོན་གྱི་གླིང་ཤུན། ལུས་ཚོར་དང་འབྲེལ་བའི་ཀླད་ཤུན་ཕལ་པ། Lutz et al. (2008), Regulation of the neural circuitry of emotion by compassion meditation: Effects of meditative expertise.PLoS ONE.

  13. བོད་ཀྱི་སྒོམ་ལ་བྱང་ཆུབ་པའི་གང་ཟག་རྣམས་ལ་ཡིད་བྱེད་གཏད་པའི་ནུས་པ་ལྷག་པོ་དང་སྦྲེལ་བའི་ཀླད་པའི་བྱེད་ལས་འཚང་ཡོད།བོད་ཀྱི་སྒོམ་ལ་བྱང་ཆུབ་པའི་གང་ཟག་རྣམས་ལ་ཡིད་བྱེད་གཏད་པའི་ནུས་པ་ལྷག་པོ་དང་སྦྲེལ་བའི་ཀླད་པའི་བྱེད་ལས་འཚང་ཡོད། ཀ སྒོམ་ལ་བྱང་ཆུབ་པ་ ༡༢ (ཨལ་ཕྷ་ <༠་༠༥) ཁ ལོ་མཉམ་པའི་གསར་པ་ ༡༢ (ཨལ་ཕྷ་ <༠་༠༥) ག བྱང་ཆུབ་པ་དང་གསར་པ་གཉིས་ཀྱི་མཚུངས་བསྡུར། (ཨལ་ཕྷ་ <༠་༠༥) གཡོན་ཀྱི་ཟླུམ་ཕྱེད། གཡས་ཀྱི་ཟླུམ་ཕྱེད། (Brefczynski-Lewis et al, PNAS 2007)

  14. ལྷག་མཐོང་གི་སྒོམ།

  15. སྒོམ་མ་རྒྱག་མཁན་དང་བསྡུར་ན་རྒྱག་མཁན་གྱི་ཀླད་པར་སྐྱ་རྫས་མང་བ་ཡོད།སྒོམ་མ་རྒྱག་མཁན་དང་བསྡུར་ན་རྒྱག་མཁན་གྱི་ཀླད་པར་སྐྱ་རྫས་མང་བ་ཡོད། ལུས་ཚོར་ཀླད་ཤུན། བྷོ་རོ་མན་རྒྱ་ཁྱོན། 9/10 གླིང་ཤུན། Lazar et al, 2005

  16. སྒོམ་མ་རྒྱག་མཁན་དང་བསྡུར་ན་རྒྱག་མཁན་རྣམས་རྒ་བ་དང་མཉམ་དུ་སྐྱ་རྫས་ཉམས་རྒུད་འགྲོ་ཤུགས་ཆུང་བ་ཡོད།སྒོམ་མ་རྒྱག་མཁན་དང་བསྡུར་ན་རྒྱག་མཁན་རྣམས་རྒ་བ་དང་མཉམ་དུ་སྐྱ་རྫས་ཉམས་རྒུད་འགྲོ་ཤུགས་ཆུང་བ་ཡོད། མཐུག་ཚད། མཐུག་ཚད། ལོ། ལོ། Lazar et al, 2005

  17. དྲན་པ་ཉེར་གཞག་ལ་བརྟེན་པའི་སེམས་ངལ་གཅོག་ཐབས།(MBSR)དྲན་པ་ཉེར་གཞག་ལ་བརྟེན་པའི་སེམས་ངལ་གཅོག་ཐབས།(MBSR) • ༡༩༧༩ ལོར་ཆོས་ཕྱོགས་ཀྱི་རྣམ་པ་མེད་པའི་ལྷག་མཐོང་ཉམས་ལེན་བྱེད་ཚུལ་ཨ་རིའི་ནང་བསྒྲུབས། • དེ་ཡང་དེང་དུས་ནུབ་ཕྱོགས་གསོ་རིག་གི་ཁོར་ཡུག་ཏུ་མཉམ་སྡེབ་བྱས། • ཐབས་ཚུལ་འདིས་ལུས་དང་སེམས་ཀྱི་གཅོང་ནད་ཡོད་པའི་མི་ལ་ཕན་པའི་དཔང་རྟགས་རྙེད། • སྒོམ་གྱི་ཐབས་ཚུལ་འདིར་བསམ་གཏན་དང་རིག་པ་རྐྱང་པའི་ཉམས་ལེན་བཀོལ་སྤྱོད་བྱེད་དེ་ཉིན་རེའི་མི་ཚེའི་ནང་དྲན་པ་ཉེར་གཞག་གི་ལག་ལེན་ཁྱེར་བའི་དམིགས་ཡུལ་བཟུང་ཡོད། ལས་འཆར་གསར་འཛུགས་བྱེད་མཁན་ཇོན་ཀོ་སྦ་ཊི་རྫིན། མེ་ས་ཅུ་སེ་ཊི་གཙུག་ལག་སློབ་གཉེར་ཁང་གི་གསོ་རིག་སློབ་གྲྭ་ནས་ཡིན།

  18. “དྲན་པ་ཉེར་གཞག་”གི་མཚན་ཉིད།“དྲན་པ་ཉེར་གཞག་”གི་མཚན་ཉིད། ཆེད་དུ་གཉེར་ནས་ཚུལ་བྱེ་བྲག་པ་ཞིག་གི་སྒོ་ནས་བློ་རྩེ་གཏོད་པ། - J. Kabat-Zinn དྲན་པ་ཉེར་གཞག་ཅེས་པ་འདུ་ཤེས་གུ་ཡངས་པོ་དང་དོན་གཉེར་གྱི་བསམ་འདུན་དང་བཅས་ཏེ་ད་ལྟའི་གནས་སྐབས་ཀྱི་མྱོང་བར་བསམ་བཞིན་དུ་བློ་རྩེ་གཏོད་པའི་ནུས་པ་དང་། ཡུལ་ལ་འཁྱུད་བཟློག་གང་མེད་པར་དབང་པོ་ལྔ་ཀར་འཇུག་པ་དང་། སེམས་ཀྱི་འགྱུར་བཞིན་པའི་རྣམ་པ་ངེས་པ་དེ་ལ་ཟེར།

  19. དྲན་པ་ཉེར་གཞག་ལ་བརྟེན་པའི་སེམས་ངལ་གཅོག་པའི་ལས་རིམ་གྱི་གྲུབ་ཆ།དྲན་པ་ཉེར་གཞག་ལ་བརྟེན་པའི་སེམས་ངལ་གཅོག་པའི་ལས་རིམ་གྱི་གྲུབ་ཆ། • བདུན་ཕྲག་ ༨ ཀྱི་ཡུན་ཚད། • ཚོགས་པའི་བཀོད་པ། • བདུན་རེར་ཆུ་ཚོད་ ༢་༥ ཡི་ཐུན་གྱི་ཐོག་ཉིན་གང་པོ་གཅིག་གི་མཚམས། • སློབ་སྟོན་དང་མྱོང་བའི་བྱེད་སྒོ། • “ནང་ལས།” ཉིན་རེར་སྐར་མ་ ༤༥ རིང་ལ་སྒོམ་གྱི་ཉམས་ལེན་བྱེད་དགོས་པ།

  20. དྲན་པ་ཉེར་གཞག་ལ་བརྟེན་པའི་སེམས་ངལ་གཅོག་པའི་ལས་རིམ་ལ་ཞུགས་པའི་རྗེས་སུ་མཚོ་རྟ་མའི་སྐྱ་རྫས་འཕེལ་བ།དྲན་པ་ཉེར་གཞག་ལ་བརྟེན་པའི་སེམས་ངལ་གཅོག་པའི་ལས་རིམ་ལ་ཞུགས་པའི་རྗེས་སུ་མཚོ་རྟ་མའི་སྐྱ་རྫས་འཕེལ་བ། མཚོ་རྟ་མ། སྐྱ་རྫས་ལ་བྱུང་བའི་འགྱུར་བ། Hölzel et al., Psych Res:Neuroimaging, 2011

  21. MBSR སྦྱོང་བརྡར་བསྒྲུབས་པའི་རྗེས་སུ་སེམས་ངལ་ཆག་པའི་ཚོད་དཔག་དང་ཁམ་ཙིག་ཀླད་ཞོར་མངོན་པའི་འགྱུར་བ་གཉིས་བར་ལྟོས་བཅས་ཀྱི་འབྲེལ་བ་ཡོད། ཁམ་ཙིག་ཀླད་ཞོ་གཡས་པའི་སྐྱ་རྫས་ཀྱི་མཐུད་ཚད་ལ་བྱུང་བའི་འགྱུར་བ། Reference: Hölzel et al., Neuroimaging, 2010 སེམས་ངལ་གྱི་ཚད་གཞི་ལ་བྱུང་བའི་འགྱུར་བ།

  22. ཡིད་བྱེད་ལ་བྱུང་བའི་སྒོམ་གྱི་ཕན་ནུས། དབྱེ་ཞིབ་བྱེད་སའི་ཚོགས་གསུམ་གྱི་མཚུངས་བསྡུར། ༡༽ སྒོམ་གསར་དུ་རྒྱག་མཁན། བདུན་ཕྲག་ ༨ ལས་ལྷག་པར་ཆོས་ཕྱོགས་དང་མ་འབྲེལ་བའི་ལྷག་མཐོང་ཉམས་ལེན་བྱས། ༢༽ ཉམས་མྱོང་ཅན་གྱི་སྒོམ་ཆེན་པ། ཟླ་བ་གཅིག་གི་རིང་དྲན་པ་ཉེར་གཞག་གི་མཚམས་དམ་པོར་བསྡད། ༣༽ སྟངས་འཛིན་འོག་གི་གནས་པའི་ཚོགས། སྔར་སྒོམ་གྱི་ཉམས་མྱོང་དང་དྲན་པ་ཉེར་གཞག་གི་བློ་སྦྱོང་གང་ཡང་ཐོབ་མེད་པ། Reference: Jha, A. et al. (2007). Cognitive, Affective, & Behavioral Neuroscience, 7, 109-119.

  23. ཡིད་བྱེད་དང་འབྲེལ་བའི་དྲ་རྒྱའི་ལས་དོན། རིག་པ་སྒྲིམ་པ་དང་ཡིད་བྱེད་གཏད་པའི་ནུས་པར་ཚོད་ལྟ་ལེན་པ། གློག་ཀླད་ཀྱི་འཆར་ཤེལ་སྟེང་མདའ་ཡི་ཕྲེང་བ་ཞིག་བསྟན་ཡོད། འདིར་དམིགས་ཡུལ་ནི་དཀྱིལ་གྱི་མདའ་མོའི་ཁ་ཕྱོགས་(གཡོན་ནམ་གཡས་)འཁྲུལ་མེད་ངང་ངོས་བཟུང་བའི་ཆེད་དུ་གློག་ཀླད་ཀྱི་མཐེབ་རྒྱག་སྣུན་རྒྱུ་དེ་ཡིན། དམིགས་ཡུལ་ནི་མཐའ་གཉིས་ལ་རང་དང་ཁ་ཕྱོགས་གཅིག་པའམ་ཐ་དད་པའི་མདའ་གཞན་གནས་ཤིང་ཡོད་པའི་དཀྱིལ་གྱི་མདའ་མོ་དེའི་ཁ་ཕྱོགས་(གཡོན་ནམ་གཡས་)ངོས་བཟུང་རྒྱུ་དེ་ཡིན། ཡ་ལན་གྱི་མགྱོགས་ཚད་དང་འཁྲུལ་བྲལ་གྱི་ཚད་གཞི་རྣམས་འཇལ་གྱི་ཡོད། འདིས་ཀླད་པའི་ཡིད་བྱེད་དང་འབྲེལ་བའི་དྲ་རྒྱ་སོ་སོའི་བྱེད་ལས་ལ་ཚོད་ལྟ་བྱེད་ཀྱི་ཡོད།

  24. གྲུབ་འབྲས།ཡིད་བྱེད་སྟེང་སྒོམ་ཉམས་ལེན་གྱི་ཕན་ནུས།གྲུབ་འབྲས།ཡིད་བྱེད་སྟེང་སྒོམ་ཉམས་ལེན་གྱི་ཕན་ནུས། ཉམས་མྱོང་ཅན་གྱི་སྒོམ་ཆེན། • མཁོ་གནད་དང་དམིགས་ཡུལ་རྣམས་གལ་གནད་ཆེ་ཆུང་སྒྲིག་པ་དང་། ལས་དོན་སྐྱོང་བ། དྭང་བླངས་ཀྱི་དམིགས་པ་གཏད་པ་བཅས་བྱེད་པའི་ནུས་པ་ལེགས་པ་ཡོད་པ། • སྔོན་བརྡ་མེད་པའི་སྐུལ་རྐྱེན་(བར་ཆད་)རིགས་ལ་ཡ་ལན་སྤྲོད་པའི་ནུས་པ་ལེགས་བཅོས་ཐེབས་པ། བདུན་ཕྲག་ ༨ རིང་ MBSR སྦྱོང་བརྡར་བྱས་པའི་སྒོམ་གསར་དུ་རྒྱག་མཁན་རྣམས། • བློ་གཏད་རྒྱུ་དང་ཡིད་བྱེད་ཁ་སྤོ་བྱེད་པའི་ནུས་པར་ལེགས་བཅོས་ཐེབས་ཡོད། Jha, A. et al. (2007). Cognitive, Affective, & Behavioral Neuroscience, 7, 109-119.

  25. རྫེན།

  26. ཚི་གུ་ཀླད་ཞོ་སྐྱ་རྫས་ཀྱི་ལོ་ལ་ལྟོས་པའི་འགྱུར་བ། རྫེན་གྱི་སྒོམ་ཆེན་པ་རྣམས་དང་སྒོམ་མ་རྒྱག་མཁན་བར་གྱི་མཚུངས་བསྡུར། སྐྱ་རྫས་ཀྱི་བོངས་ཚད། ལོ། Reference: Pagnoni, G., & Cekic, M. (2007). Neurobiology of Aging, 28, 1623–1627.

  27. སྒོམ་ཆེན་པ་རྣམས་ལ་མཐོང་ཚོར་སྐུལ་རྐྱེན་བྱུང་བའི་རྗེས་སུ་རྟོགས་པ་འབྲེལ་བའི་དབྱེ་སེལ་གྱི་བྱེད་རིམ་མྱུར་ཆེ་བ་དང་མཚམས་ཆོད་ཚད་མཐོ་བ་ཡོད།སྒོམ་ཆེན་པ་རྣམས་ལ་མཐོང་ཚོར་སྐུལ་རྐྱེན་བྱུང་བའི་རྗེས་སུ་རྟོགས་པ་འབྲེལ་བའི་དབྱེ་སེལ་གྱི་བྱེད་རིམ་མྱུར་ཆེ་བ་དང་མཚམས་ཆོད་ཚད་མཐོ་བ་ཡོད། ཁྲག་གི་འཚོ་རླུང་ཚད་གཞིར་བརྟེན་ཚད། འགྱུར་བའི་བརྒྱ་ཆ། སྟངས་འཛིན་འོག སྒོམ་ཆེན་པ། དུས་(སྐར་ཆའི་ནང་) Reference: Pagnoni et al. (2008). PLOS One, 3(9), e3083.

  28. ཞི་གནས་ཀྱི་ལས་འཆར། ཞིབ་དཔྱོད་པ་གཙོ་བོ། ཁི་ལི་ཕྷོ་ཌི། ས་རོན། འབུམ་རམས་པ།སྒོམ་སློབ་སྟོན་པ། ཨེ་ལན། ཝ་ལེ་སི། ཁེེ་ལི་ཕྷོར་ནི་ཡའི་གཙུག་ལག་སློབ་གཉེར་ཁང་། ཌེ་ཝི་སི།http://mindbrain.ucdavis.edu

  29. ཞི་གནས་ལས་འཆར་གྱི་ཞིབ་འཇུག་དམིགས་ཡུལ།ཞི་གནས་ལས་འཆར་གྱི་ཞིབ་འཇུག་དམིགས་ཡུལ། • སྒོམ་ཉམས་ལེན་གྱི་སྒོ་ནས་ཡིད་བྱེད་ལ་སྦྱོང་བརྡར་བྱེད་ཐུབ་བམ། • སྙིང་རྗེ་དང་བྱམས་པ་ལ་བློ་སྦྱོང་བྱེད་པ་ལས་སེམས་ཀྱི་མྱོང་ཚོར་ལ་ཚོད་འཛིན་བྱ་རྒྱུ་ཡག་ཏུ་གཏོང་ནུས་སམ། • ཡིད་བྱེད་གོང་སྤེལ་དུ་གཏོང་བ་དེ་སེམས་ཁམས་ཀྱི་བྱེད་ལས་དང་འབྲེལ་བ་ཡོད་དམ། • དེ་ལྟ་བུའི་སྦྱོང་བརྡར་དང་འབྲེལ་བའི་ཀུན་སྤྱོད་དང་། དབང་རྩ་དང་། ལུས་ཁམས་ཀྱི་ཆ་གང་དང་གང་རེད་དམ།

  30. ཞི་གནས་ལས་འཆར་གྱི་སྒོམ་གྱི་ཐབས་ཚུལ།ཞི་གནས་ལས་འཆར་གྱི་སྒོམ་གྱི་ཐབས་ཚུལ། ཞི་བ་དང་དམིགས་པར་རྩེ་གཅིག་ཏུ་གཏད་པའི་ཡིད་བྱེད། (ཞི་གནས་)(ཉིན་རེར་ཆུ་ཚོད་ ༥ ནས་ ༡༠ བར།) • དབུགས་ལ་དམིགས་པའི་དྲན་པ་ཉེར་གཞག། • སེམས་ཀྱི་བྱུང་བ་ལ་དམིགས་པ། • རིག་པ་ལ་དམིགས་པའི་རིག་པ། སེམས་ཀྱི་ཡོན་ཏན། (ཚད་མེད་བཞི།)(ཉིན་རེར་སྐར་མ་ ༣༠ ནས་ ༩༠ བར།) • བྱམས་པ། (འཁོན་འཛིན་གྱི་གཉེན་པོ།) • སྙིང་རྗེ། (ཡལ་བར་དོར་བའི་བློའི་གཉེན་པོ།) • དགའ་བ། (ཕྲག་དོག་གི་གཉེན་པོ།) • བཏང་སྙོམས། (ཉེ་རིང་གི་གཉེན་པོ།)

  31. ཡིད་བྱེད་རྐྱོང་བའི་ལས་དོན།ཡིད་བྱེད་རྐྱོང་བའི་ལས་དོན། ཐིག་ཐུང་ཐུང་། ཐིག་རིང་པོ། དམིགས་འབེན། དམིགས་འབེན་མིན་པ། 10% 90% • ལས་དོན་ ༡ དམིགས་འབེན་ངོས་བཟུང་བ། དམིགས་འབེན་དུ་གྱུར་བའི་ཐིག་ཐུང་ཐུང་མཐོང་སྐབས་མཐེབ་རྡོག་གནན་དགོས་པ་ལས་ཐིག་རིང་པོ་མཐོང་གནན་མི་རུང་། • ལས་དོན་ ༢ ཡ་ལན་བཀག་འགོག ཐིག་རིང་པོ་ནམ་མཐོང་བ་ན་མཐེབ་རྡོག་གནན་དགོས་ལ། ཐིག་ཐུང་ཐུང་མཐོང་སྐབས་གནན་མི་རུང་།

  32. ཞི་གནས་ཀྱི་མཚམས་ལ་སྡོད་པའི་རིང་དང་བསྡད་ཟིན་པའི་མཇུག་ཏུ་དབང་ཤེས་(གསལ་ཆ་)ཡར་རྒྱས་ཕྱིན་ཡོད།ཞི་གནས་ཀྱི་མཚམས་ལ་སྡོད་པའི་རིང་དང་བསྡད་ཟིན་པའི་མཇུག་ཏུ་དབང་ཤེས་(གསལ་ཆ་)ཡར་རྒྱས་ཕྱིན་ཡོད། མཚམས་ ༡ མཚམས་གྲུབ་པའི་ཟླ་བ་ལྔའི་རྗེས་སུ་གོང་འཕེལ་མུ་མཐུད་དེ་གཏོང་བར་ཞི་གནས་ཀྱི་ཉམས་ལེན་དེ་མུར་བསྟེན་པ་ལ་རག་ལུས་ཀྱི་ཡོད། (MacLean et al, Psychological Science, 2010)

  33. དོན་བསྡུ། • སྒོམ་གྱི་ཉམས་ལེན་དང་ཀླད་པའི་བཀོད་དབྱིབས་དང་བྱེད་ལས་ལ་ཐེབས་པའི་འགྱུར་བ་ངེས་ཅན་གཉིས་སྦྲེལ་ཡོད། • སྒོམ་གྱི་ཉམས་ལེན་ལོ་དང་ཆུ་ཚོད་མང་བ་བྱས་པ་དངའགྱུར་བ་ཤུགས་ཆེ་བ་གཉིས་སྦྲེལ་ཡོད། • དེ་ལྟར་ནའང་བདུན་ཤས་ཙམ་གྱི་ཡུན་ཐུང་བའི་ཉམས་ལེན་གྱིས་ཕན་ནུས་བཟང་པོ་སྦྱིན་ཐུབ།

More Related